設為首頁 | 加入收藏 | 聯系我們
治多縣新聞網
現在的位置: 治多新聞網通知公告
中国福利彩票双色球走势图 2014能赚钱的3d网游排行榜 掌乐天天捕鱼官网 山西打麻将游戏 网购食用菌包赚钱吗 排列3 手机问道新区怎么赚钱之道 大赢家足球即时比分310 澳门即时赔率加强版 企信赚钱么 7星彩 微视 赚钱怎么用 新浪体育恒大 红警修改器 免费打麻将游戏下载 快乐时时彩 赚钱花钱话语
【通告】治多縣疫情防控指揮部辦公室關于疫情防控期間實施“十個從嚴”措施的通告
來源: 治宣
發布時間: 2020-02-08 13:25:40
編輯: 治多新聞網
བྲི་སྟོད་རྫོང་རིམས་འགོག་ཚོད་འཛིན་བཀོད་འདེམས་པུའུ་གཞུང་དོན་ཁང་གི་འབྲེལ་ཡོད་རིམས་འགོག་ཚོད་འཛིན་སྐབས་སུ་ལག་ལེན་བྱེད་པའི་ནན་འཇུག་བཅུའི་བྱེད་ཐབས
་བརྡ་ཁྱབ།
治多縣疫情防控指揮部辦公室關于疫情防控期間實施“十個從嚴”措施的通告
  ངེས་པར་དུ་རིམས་ནད་འགོས་ཁྱབ་དུ་འགྲོ་བར་སྔོན་བཀག་ནན་མོ་བྱེད་པར་དམིགས་སུ་འཛིན་ཏེ།ཚད་མཐོ་པོའི་སྒོ་ནས་མི་ཡི་འགྲོ་འོང་དང་འདུ་ཚོགས་གཅིག་འདུས་བྱེད་པར་ཉུང་འཕྲི་ཆེ་རུ་གཏོང་པ་དང་།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཚད་མཐོ་པོའི་འགན་སྲུང་བྱ་རྒྱུ་  བཅས་ཀྱི་ཆེད་དུ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་བཅའ་ཁྲིམས་དང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་འགོག་སྲུང་བྱེད་པའི་བཅའ་ཁྲིམས་སོགས་ཁྲིམས་ལུགས་སྒྲིག་སྲོལ་དང་།མཚོ་སྔོན་ཞིང་ཆེན་གྱི་ཁྱད་འཕགས་ཐོལ་བྱུང་དོན་རྐྱེན་གྱི་ཐུན་མོང་འཕྲོད་བསྟེན་གྱི་དོན་རྐྱེན་རིམ་པ་དང་པོའི་ལས་སྒོ་ཡོངས་སུ་ཕྱེས་པ་དང་།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ་ཡིག་ཆ་ཨང་གཉིད་པ་སོགས་ཀྱི་དགོངས་དོན་གཞི་རུ་བྱས་ཏེ།མིག་སྔར་རང་རྫོང་གི་དངོས་ཡོད་གནས་བབ་ཟུང་འབྲེལ་བྱས་ནས་ཟླ་༢པའི་ཚེས་༦ཉིན་གྱི་དུས་ཚོད་ཉི་ཤུ་ཐམ་པ་ནས་འགོ་བཟུང་རྫོང་ཡོངས་ཀྱི་སྡེ་ཁུལ་དང་གཞིས་ཁུལ།ལས་ཁུངས་དང་ཁེ་ལས་སྡེ་ཚན་སོགས་སྒོ་བརྟན་རང་བཞིན་གྱི་དོ་དམ་ལག་ལེན་དངོས་སུ་སྤེལ་རྒྱུ་དང་མི་ཡི་འགྲོ་འོང་དོ་དམ་ཚོད་འཛིན་བྱ་བ་ལ་ནན་འཇུག་བཅུའི་བྱེད་ཐབས་སྤེལ་བ་སོགས་ཀྱི་འབྲེལ་ཡོད་དོན་ཚན་གཤམ་གྱི་བརྡ་ཁྱབ་ལྟར།
  為堅決遏制疫情蔓延,最大限度減少人員流動和集聚,最大程度保證人民群眾生命安全和身體健康,根據《中華人民共和國傳染病防治法》、《中華人民共和國突發事件應對法》等法律法規以及《青海省啟動重大突發公共衛生事件一級響應》(青海省人民政府通告【第2號】)等文件精神,現結合我縣實際,決定自2月6日20時起,全縣所有村社、居民小區、機關和企事業單位實行封閉式管理,實施人員管控“十個從嚴”措施。現就相關事項通告如下:
  གཅིག    ནན་ཏན་གྱིས་གཞིས་ཁུལ་སྡོད་དམངས་སྒོ་བུད་ལ་ཚོད་འཛིན་བྱེད་རྒྱུ།
དམངས་ཡོངས་ཕྱི་རུ་མི་འགྲོ་བའི་རེ་སྐུལ་གཏོང་བ་ཡིན་ལ།ཁྱིམ་ཚང་སོ་སོའི་ནད་བརྟག་གཏན་སྡོད་བྱེད་དགོས་པའི་ཁྱིམ་ཚང་ལས་གཞན་ཉིན་གཉིས་རེའི་མཚམས་ནས་ཁྱིམ་ཚང་རེ་མི་རེ་ཁྱིམ་སྤྱོད་མཁོ་རྫས་དང་བཟའ་བཏུང་སྔོ་ཚལ་སོགས་ཉོ་རུ་འགྲོ་རྒྱུ།དམིགས་བསལ་གྱི་གནས་ཚུལ་མེད་ཚེ་མི་གཅིག་ཀྱང་ཕྱི་རུ་འགྲོ་མི་ཆོག
  一、從嚴限制居民出門。
  倡議“全民不出門”,每戶家庭(居家隔離醫學觀察家庭除外)每兩天安排1名家庭成員出門購買生活必需品,其余人員無特殊原因,一律不得外出。
  གཉིས།  ནན་ཏན་གྱིས་གཞུང་ལམ་འགྲམ་ངོགས་དོ་དམ་ཚོད་འཛིན་བྱེད་རྒྱུ།
  རང་རྫོང་ལ་ཁྱིམ་ཐོ་འབྲེལ་བའི་མི་དང་རང་རྫོང་ནས་ལས་དོན་སྒྲུབ་བཞིན་པའི་ལས་སྒྲུབ་པ་སོགས་ཀྱི་བཀོལ་སྤྱོད་རླངས་འཁོར་ཡོད་ཚད་འཁོར་གཏོང་དོ་དམ་ཚོད་འཛིན་བྱེད་རྒྱུ་ཡིན།དེ་དག་ལས་དམིསག་བསལ་གྱི་གཞུང་ཞབས་ལས་དོན་དང་བྲེལ་ཚུལ་ཆེ་བའི་ཁྱད་འཕགས་ཀྱི་དོན་དག་སོགས་ཀྱི་རླངས་འཁོར་བགྲོད་ཆོག་པར་ལས་རང་གར་དོན་མེད་སྲང་ལམ་དང་གྲོང་མདོ་ནས་རླངས་འཁོར་གཏོང་མི་ཆོག།གལ་སྲིད་ངེས་པར་དུ་ཕྱི་རུ་འགྲོ་དགོས་དགོས་པ་རྣམས་རླངས་གཏོང་དཔང་ཡིག་གི་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཡིན།རླངས་གཏོང་དཔང་ཡིག་རྫུན་བཟོ་དང་བསྒྱུར་བཟོ་བྱེད་མཁན་ཡོད་ཚེ་ངེས་པར་དུ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན།གཞན་རང་རྫོང་གི་མ་ཡིན་པའི་སྡོད་དམངས་དང་ལས་སྒྲུབ་མི་སྣ།ངལ་རྩོལ་མི་སྣ་སོགས་ཀྱི་རླངས་འཁོར་གཅིག་ཀྱང་རང་རྫོང་གི་མངའ་ཁོངས་སུ་འཛུལ་དུ་བཅུག་མི་ཆོག།རང་རྫོང་གི་མ་ཡིན་པའི་དངོས་ཟོང་རླངས་འཁོར་དག་གནས་སྐབས་སུ་གཏན་འཁེལ་བྱས་པའི་འགྲུལ་ལམ་ནས་གཏོང་རྒྱུ་ཡིན།སྤྱི་བདེ་ལས་ཁུངས་ཀྱིས་ནན་ཏན་གྱིས་ལམ་ངོགས་དོ་འཛིན་བྱེད་རྒྱུ་དང་གཞུང་ལམ་ནས་བགྲོད་པའི་མི་དང་རླངས་འཁོར་སོགས་དུས་ངེས་མེད་ཀྱི་སྒོ་ནས་ཐོབ་ཐབ་ཡོང་ཁུངས་དཔྱད་ཞིབ་བྱེད་རྒྱུ་སོགས་ལ་དང་ལེན་མི་བྱེད་མཁན་དག་ངེས་པར་དུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།ཕ་ཡུལ་འབྲི་སྟོད་ཡིན་པའི་ཕྱི་ཕྱོགས་ནས་རང་རྫོང་དུ་ལོག་མཁན་གྱི་མི་དང་རླངས་འཁོར།འབྲི་སྟོད་ནས་ལས་དོན་སྒྲུབ་བཞིན་པའི་ལས་སྒྲུབ་མི་སྣ་སོགས་ནང་ཁུལ་དུ་ཡོང་ཚེ་ངེས་པར་དུ་མིང་འགོད་ཐོ་འགོད་བྱེད་དགོས།ཁྱིམ་དུ་ལོག་རྗེས་ཕྱི་རུ་མི་འགྲོ་པར་ཉིན་བཅུ་བཞིའི་རིང་ལ་རང་ཁྱིམ་དུ་གཏན་སྡོད་རྟོག་དཔྱད་བྱེད་དགོས།དམིགས་བསལ་གྱི་རླངས་འཁོར་ལས་གཞན་ཐོལ་བྱུང་མྱུར་དོན་འགན་སྲུང་དང་བརྟག་ཚད་དངོས་ཟོང་རླངས་འཁོར་སོགས་ལ་འཁོར་གཏོང་ཡིག་ལམ་ལུགས་ལག་ལེན་བྱེད་རྒྱུ་ཡིན།
  二、從嚴管控路面。
  對治多籍人員和在治工作、務工人員的所有車輛出入實行嚴控,非特殊公務、緊急事務不得駕車上街或外出,更不得駕車閑逛,確需上路的,實行通行證制度,對偽造、涂改通行證件的,依法從嚴處理;非本縣人員或非在治工作、務工人員的車輛一律不得入治;非治多籍貨運車輛按臨時規定路線行駛;公安機關從嚴管控路面,對道路行人、車輛隨機開展身份核查,對拒不聽從勸阻的,將依法處理。所有由外地返回的治多籍人員、車輛和在治工作人員及其車輛,入境時必須登記,入境后須居家隔離14天。所有應急保障、核準運營的貨運車輛,實行通行證制度(特種車輛除外)。
  གསུམ།     ནན་ཏན་གྱིས་མི་སྣ་ཕྱི་རུ་འགྲོ་འོང་བྱེད་པར་དོ་འཛིན་བྱེད་དགོས།
  རྫོང་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ།གཞིས་སྡོད་ཁུལ།ལས་ཁུངས་དང་ཁེ་ལས་སྡེ་ཚན་སོགས་སྒོ་བརྟན་དོ་དམ་བྱེད་པ་དང་།འགྲོ་འོང་བྱེད་པའི་མི་ཡོད་ཚད་ཁ་འགེབ་གྱོན་རྒྱུ་དང་ཐོབ་ཐང་དཔང་ཡིག་འདོན་སྤྲོད་
བྱེད་དགོས།གཞན་་ལུས་ལ་ཚ་བ་རྒྱས་མིན་སོགས་བརྟག་དཔྱད་ནན་མོ་བྱེད་དགོས།གལ་ཏེ་ཚ་བ་རྒྱས་པའི་ནད་རྟགས་བྱུང་ཚེ་གཞིས་སྡོད་ཁུལ་དུ་འཛུལ་མཚམས་གཅོད་རྒྱུ་ཡིན་པར་མ་ཟད་ཚད་ལྡན་གྱིས་ཐག་གཅོད་དོ་སྐྱོང་བྱེད་རྒྱུ་ཡིན།ཕྱི་ཕྱོགས་ནས་ཡོང་བའི་མི་དང་རླངས་འཁོར་སོགས་རང་རྫོང་མངའ་ཁོངས་སུ་གཏན་ནས་ཡོང་མི་ཆོག་ལ་ནང་འཛུལ་དུའང་བཅུག་མི་ཆོགདམིགས་བསལ་གྱི་གནས་ཚུལ་ཅན་ཡིན་ན་དོ་དམ་མི་སྣས་ཐོ་འགོད་ལེགས་པར་བྱེད་དགོས།
  三、從嚴人員出入。
  所有村社、居民小區、機關和企事業單位實行封閉式管理。出入人員一律戴口罩,并出具有效證件(券),進入人員一律測體溫,有發熱癥狀的不得進入,并按規范處置。外來人員和車輛非必須不得進入,特殊情況由管理人員做好登記備案。
  བཞི།   ནན་ཏན་གྱིས་ཡར་ཞུའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ།
  ཟླ་༡པའི་ཚེས་༡༥ཉིན་གྱི་རྗེས་སུ་ནད་ཁུལ་ཧོ་པེ་དང་གྲུའུ་ཅང་ཝུན་ཀྲང་སོགས་སུ་ཡུལ་སྐོར་གནས་སྡོད་བྱེད་མྱོང་དང་ལམ་བར་ནས་གྲོང་ཁྱེར་དང་ས་ཆ་འདི་དག་བརྒྱུད་ནས་ཡོང་མྱོང་མཁན་དང་།གཞན་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་དག་ནས་རང་རྫོང་དུ་ཕྱིར་ལོག་པའི་མི་སྣ་དང་གཏན་འཁེལ་ནད་པ་དང་ཡང་ན་དོགས་གཞི་ཅན་གྱི་ནད་པ་སོགས་ལ་བར་ཐག་ཉེ་བའི་འབྲེལ་འདྲིས་ཡོད་པའི་མི་སྣ་སོགས་ངེས་པར་དུ་དུས་ཚོད་གཅིག་གི་ནང་དུ་རང་འགུལ་གྱིས་རང་གནས་གཞིས་ཁུལ་དང་སྡེ་བ་སོགས་ལ་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས།གལ་སྲིད་རང་འགུལ་གྱིས་ཡར་ཞུ་མི་བྱེད་མཁན་དང་ལུས་ལ་ཚ་བ་རྒྱས་མིན་བརྟག་དཔྱད་བྱེད་པ་དང་གསོ་རིག་གིས་བལྟ་དཔྱད་བྱེད་པ་སོགས་རིམས་ནད་སྔོན་འགོག་བྱེད་ཐབས་ལ་བཀག་འགོག་བྱེད་མཁན་རྣམས་  ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན།གཞིས་སྡོད་སྡེ་དམངས་རྣམས་ལུས་ལ་ཚ་བ་རྒྱས་ཞིང་གློ་ལུ་སོགས་ནད་རྟགས་བྱུང་ཚེ་ཉེ་ཁུལ་གྱི་སྨན་ཁང་དུ་བརྟག་བཅོས་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་སྡེ་བ་དང་གཞིས་ཁུལ་ལ་ཡར་ཞུ་ཕུལ་དགོས།
  四、從嚴落實報告制度。凡1月15日后有疫情重點地區(湖北、浙江溫州等)旅居史、途經史的,從全國其他省份返回人員和與確診或疑似病例患者有密切接觸史的人員,必須在一小時內主動向居住地村(社區)報告;不主動申報、拒絕接受測溫、醫學觀察等防控措施的,將依法追究責任。居民出現發熱、咳嗽等癥狀,必須及時就診,并第一時間向村(社區)報告。
  ལྔ།ནན་ཏན་གྱིས་ཐུན་མོང་འདུ་ར་དོ་འཛིན་བྱེད་རྒྱུ།     
  གཞིས་ཁུལ་སྡོད་དམངས་ཀྱི་འཚོ་བའི་བཟའ་བཏུང་ཡོ་བྱད་ལ་ཐེ་གཏོགས་མེད་པའི་ཐུན་མོང་འདུ་ར་ཡོད་ཚད་སྒོ་རྒྱག་དགོས།གཞན་གཞིས་སྡོད་མི་དམངས་ཀྱི་འཚོ་བ་ལ་འབྲེལ་བའི་ཚོང་ར་དང་སྒོ་རྩིས་ཚོང་ཁང་།    སྨན་ཁང་སོགས་ནན་ཏན་གྱིས་གཏན་འཁེལ་བྱས་པའི་སྒོ་འབྱེད་དུས་ཚོད་ལྟར་ཚོང་གཉེར་བྱེད་དགོས།ཚོང་གཉེར་བྱེད་པའི་ཁོར་ཡུག་ཀུན་ཏུ་དུག་སེལ་གཙང་སྦྲ་ལེགས་པོར་བྱས་ཏེ་ཚོང་ཁང་ནང་དུ་འཛུལ་མཁན་མི་ཡོད་ཚོད་རེ་རེ་བཞིན་ལུས་ཚད་ཚ་བ་བརྟག་དཔྱད་བྱེད་དགོས།ཚོང་གཉེར་པ་དང་ཉོ་ཚོང་མཁན་ཚང་མས་ཁ་འགེབ་རྒྱག་རྒྱུ་སོགས་རིམས་འགོག་ཡོ་བྱད་བེད་སྤྱོད་གཏོང་བ་དང་།མྱུར་སྐྱེལ་དང་ཕྱི་རུ་ཚོང་རྫས་སྐྱེལ་བ་སོགས་མཚམས་འཇོག་དགོས།
  五、從嚴管控公共場所。
  非涉及居民生活必需的公共場所一律關閉,居民生活必需的農貿市場、超市、藥店等場所嚴格按規定時段營業、消毒,進入人員一律測體溫,經營人員和購物者一律佩戴口罩等防護用具。快遞、外賣實行無接觸配送。
  དྲུག ནན་ཏན་གྱིས་འདུ་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་བར་དོ་འཛིན་བྱེད་རྒྱུ།   
  རྫོང་ཡོངས་ཀྱི་མི་རྣམས་རིམས་ནད་སྔོན་འགོག་བྱེད་པའི་དུས་སྐབས་འདིར་ཕན་ཚུན་ཁྱིམ་དུ་འགྲོ་བ་དང་ལྷན་འཛོམས་གྱི་གསོལ་མགྲོན་སྤེལ་རྒྱུ།རྒྱན་རྩེད་རྒྱུ་སོགས་སྣ་ཚོགས་རང་བཞིན་ཅན་གྱི་འདུ་ཚོགས་བྱ་འགུལ་སྤེལ་མཚམས་འཇོག་དགོས།གལ་ཏེ་འདུ་ཚོགས་སྤེལ་འགོ་བརྩམས་མཁན་དང་ནང་དུ་ཞུགས་མཁན་སོགས་མི་སྒེར་དང་ལས་ཁུངས་གང་འདྲ་ཡིན་རུང་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན
  六、從嚴管控集聚性活動。
  全縣所有人員在疫情防控期間禁止串門、聚餐、打牌等各種形式的集聚性活動。對參與舉辦或承辦集體聚餐、聚眾活動的單位和個人,一律按照相關規定從重處理。
  བདུན།   ནན་ཏན་གྱིས་ཁང་པ་གླ་བའི་ཁྱིམ་ཚང་ངམ་ཁང་བདག་ལ་དོ་འཛིན་བྱེད་རྒྱུ།
  ཁང་བ་གླ་མཁན་གྱི་ཁྱིམ་ཚང་དང་ཁང་བདག་གིས་ངེས་པར་དུ་ཕྱི་ཕྱོགས་ནས་ཡོང་པའི་ཁང་བ་གླ་མཁན་དག་ལ་སློབ་གསོ་ཁ་ཏ་བྱེད་དེ།ཁང་བ་གླ་མཁན་དག་ལ་གསལ་བཤད་གྱིས་སྒོ་ནས་གནས་སྐབས་ཕྱིར་མི་ཡོང་པར་སྐུལ་སློང་ལེགས་པོར་གཏོང་དགོས།གལ་སྲིད་ཁང་བ་གླ་མཁན་ཕྱིར་ཡོང་ནས་རིམས་ནད་ན་བའི་དོན་རྐྱེན་བྱུང་ཚེ་དུས་ཐོག་ཏུ་ཡར་ཞུ་དགོས་ལ།ཁྲིམས་ལྟར་ཁང་བདག་གི་འགན་འོས་ཐག་གཅོད་བྱེད་དགོས།
  七、從嚴落實出租戶(房東)主體責任。
  出租戶(房東)必須做好外地承租人的勸阻工作,明確告知承租人近期不得返回,若出租房發生疫情而未及時報告的,將依法追究出租戶(房東)的責任。
  བརྒྱད།ནན་ཏན་གྱིས་ཁེ་ལས་སྡེ་ཁག་གི་ལས་སྒོ་སླར་ཕྱེས་བྱེད་པ་ལ་དོ་འཛིན་བྱེད་དགོས།
  ཁེ་ལས་ཆོག་མཆན་མ་ཐོབ་པར་ལས་སྒོ་ཕྱེ་བ་ངེས་པར་མཚམས་འཇོག་རྒྱུ་དང་།གལ་སྲིད་ཁེ་ལས་སྡེ་ཁག་སྒྲིག་འགལ་གྱི་ངང་ནས་སྔོན་དུ་ལས་སྒོ་ཕྱེས་པ་ལ་འབྲེལ་ཡོད་གཏན་འཁེལ་ལྟར་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན།
  八、從嚴企業開(復)工管理。
  嚴禁企業未經批準違令復工復產,如企業違規提前開(復)工的,將按相關規定從嚴追究責任。
  དགུ།   ནན་ཏན་གྱིས་གཞིས་སྡོད་གསོ་རིག་བལྟ་དཔྱད་ས་ཚུགས་ལ་དོ་འཛིན་བྱེད་རྒྱུ།
  ངོས་འཛིན་གཏན་འཁེལ་བྱས་པའི་ནད་པའམ་དོགས་གཞི་ཅན་གྱི་ནད་པ་བྱུང་ཚེ།ནད་པ་བྱུང་སའི་སྡེ་བ་དང་གཞིས་ཁུལ།གཞིས་སྡོད་ཐོག་ཁང་སོགས་ལ་ཚད་ལྡན་གྱི་སྡོད་གནས་བཀར་དགོས།གཞིས་སྡོད་གསོ་རིག་གྱེས་བཀར་བྱེད་པའི་བལྟ་དཔྱད་མི་སྣས་དོ་འཛིན་གཏན་འཁེལ་ལ་སྒྲིག་འགལ་བྱེད་པ་དང་།སློབ་གསོ་ཁ་ཏ་གཏོང་བ་ལ་མི་ཉན་མཁན་དག་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།
  九、從嚴做好居家醫學觀察點管控。
  對出現確診或疑似病例的,視情對村社、小區、住宅樓單元實行規范隔離。居家醫學隔離觀察人員違反管控規定,不聽勸阻的,由公安機關依法處理。
  བཅུ།   ནན་ཏན་གྱིས་གཞུང་ཞབས་ལས་དོན་མི་སྣར་བླང་བྱ་སྟོན་རྒྱུ།
  རྫོང་ཡོངས་ཀྱིས་གཞུང་ཞབས་ལས་སྒྲུབ་མི་སྣ་དག་ངེས་པར་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་ལ།ཞོར་དུ་རང་གི་ཉེ་འཁོར་ན་ཡོད་པའི་ཁྱིམ་མི་དང་ཉེ་འབྲེལ།གྲོགས་པོ་ཁྱིམ་མཚེས་སོགས་ལ་དོ་དམ་སློབ་གསོ་ལེགས་པར་གཏོང་སྟེ།རང་འགུལ་གྱིས་རང་ཉིད་ཁོངས་གཏོགས་ཀྱི་སྡེ་བ་དང་གཞིས་ཁུལ།སྡོད་ཁུལ་གྱི་ལས་དོན་མི་སྣ་སོགས་ལ་རོགས་འདེགས་བྱེད་པ་དང་།སྡོད་དམངས་ཕྱི་རུ་མི་འགྲོ་བ།ཁྱིམ་མཚེས་ཕན་ཚུན་མི་འགྲོ་བ།འདུས་སྡོད་གནས་སུ་མི་འགྲོ་བ་སོགས་འགན་ལེན་ལེགས་པོར་བྱེད་དགོས།གལ་ཏེ་འབྲེལ་ཡོད་གཏན་འཁེལ་ལ་འགལ་སྐྱོན་བྱུང་ཚེ་ཡོད་ཚད་ནན་ཏན་གྱིས་ཐག་གཅོད་བྱེད་དགོས།
  十、從嚴要求公職人員。
  所有公職人員必須充分發揮模范帶頭作用,管好自己、直系親屬,帶動朋友、鄰里,要主動協助所屬村社、小區工作人員,確保居民不出門、不串門、不集聚。凡違反相關規定的,一律從嚴處理。    
འབྲི་སྟོད་རྫོང་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་གློ་ཚད་ཀྱི་སྔོན་འགོག་ཚོད་འཛིན་བཀོད་འདེམས་པུའུ་ཡི་གཞུང་ལས་ཁང་།
治多縣新型冠狀病毒感染的肺炎疫情防控指揮部辦公室
སྤྱི་ལོ་༢༠༢༠ལོའི་ཟླ་༢པའི་ཚེས་༦ཉིན།
       2020年2月6日
相關新聞↓
    [ 返回首頁 ] [ 打印 ] [ 進入青新論壇 ] [ 關閉窗口 ]
   
 
友情鏈接
青海新聞網
青海省人民政府網
青海省政府藏文網
玉樹州新聞網
青海旅游網
人民網青海頻道
新華網青海頻道
青海廣播電臺
青海電視臺
中國藏族網通
青海日報
青海羚網
西海都市報
青海法制報
西寧晚報
中共治多縣委宣傳部主辦 技術支持青海新聞網
2014能赚钱的3d网游排行榜 掌乐天天捕鱼官网 山西打麻将游戏 网购食用菌包赚钱吗 排列3 手机问道新区怎么赚钱之道 大赢家足球即时比分310 澳门即时赔率加强版 企信赚钱么 7星彩 微视 赚钱怎么用 新浪体育恒大 红警修改器 免费打麻将游戏下载 快乐时时彩 赚钱花钱话语